设为首页 | 加入收藏
您所在位置: 首页 > 双语专区 > 正文
双语专区

未成年人普法系列(三)

时间:22-01-05 10:33:41 来源:  作者:翻译科 点击数:

案例三 争抢球桌引口角

聚众斗殴两俱伤

16岁的小亮是一名职校学生,15 岁的小洋是一名初中生,二人因为在台球厅争抢球桌发生口角。吵完之后,小亮觉得很没有面子,便向小洋下战书,而小洋此时也是憋了一口气,双方相约三天后在小洋就读的中学门口一较高低。双方都找到了自己的同学好友,当天共纠集了十几个人互相打斗,现场一片混乱,斗殴过程中,双方人员中均有受伤。

最终,参与人员均被处以刑事处罚或校纪处罚。

གྱོད་དཔེ་གསུམ་པ། སྟེགས་གྲུག་ཅོག་ཙེ་རྩད་ནས་ཁ་རྩོད་བྱུང་།

དཔུང་བསྡེབས་རྒྱག་རེས་བྱེད་མཁན་གཉིས་ཀར་རྨས་སྐྱོན་བཟོས།

ལོ་ན་16ལོན་པའི་རྡོ་རྗེ་ནི་ལས་རིགས་སློབ་གྲྭ་ཞིག་གི་སློབ་མ་ཡིན། ལོ་ན་15ལོན་པའི་ཚེ་བཀྲ་ནི་དམའ་འབྲིང་གི་སློབ་མ་ཞིག་ཡིན། ཁོ་གཉིས་ཀས་སྟེགས་གྲུག་ཁང་ཞིག་དུ་སྟེགས་གྲུག་སྤོ་ལོ་རྩེད་སྐབས་ཅོག་ཙེ་རྩད་ནས་ཁ་རྩོད་བྱུང་། ཁ་རྩོད་བྱས་ཚར་རྗེས། རྡོ་རྗེ་ཡིས་ཁོ་ལ་ཁ་ངོ་མེད་སོང་བསམ་ནས་ཚེ་བཀྲ་ལ་རྡུང་རེས་རྒྱག་ཞེས་ཡི་གེ་ཞིག་བྲིས། སྐབས་དེར་ཚེ་བཀྲས་ཁོག་ལ་སྤོ་གང་བཅངས་ཡོད་དེ། ཁོ་གཉིས་ཀའི་ཉིན་གསུམ་གྱི་རྗེས་ནས་ཚེ་བཀྲ་ཡོད་སའི་སློབ་འབྲིང་གི་སྒོ་ཁ་ནས་བུའི་བཟང་ངན་ལ་བལྟ་རྒྱུ་ཐག་གིས་བཅད། ཕྱོགས་གཉིས་ཀས་རང་རང་ས་ནས་རང་གི་གྲོགས་པོ་བཙལ་ནས། ཉིན་དེར་ཁྱོན་བསྡོམས་མི་བཅུ་ལྷག་ཙམ་བསྡུས་ནས་ཕན་ཚུན་འཛིང་རེས་བྱས་ཏེ་ས་གནས་དེ་གར་ཟང་ཟིང་སློང་དུ་བཅུག འཛིང་རེས་བྱས་པས་ཕྱོགས་གཉིས་ཀའི་མི་ཚང་མར་རྨས་སྐྱོན་ཕོག

མཐའ་མཇུག འཛིང་རེས་ཁྲོད་དུ་ཞུགས་མཁན་ཚང་མར་ཉེས་དོན་གྱི་ཆད་པ་བཅད་པའམ་ཡང་ན་སློབ་གྲྭའི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད།

案例四 被人纠集去斗殴 逃跑途中把命丧 小刘刚刚15岁,拜了一位社会人员做江湖大哥,觉得这样自己在学校里特别有面子。一天这位大哥纠集小刘等多名人员以教训别人为由,聚众斗殴。到达现场后,小刘等人手棍棒把在车内等待,哪知对方气势更凶。小刘一方驾车冲撞对方后快速逃离,落荒而逃中小刘乘坐的车辆失控,造成车上人员包括小刘在内三人死亡,另有二人重伤。 小刘美好的人生画卷还没有来得及展开,鲜活的生命就这样定格在了15岁,留给家人无尽的悲痛。

གྱོད་དཔེ་བཞི་བ། གཞན་གྱིས་བསྡུས་ནས་འཛིང་རེས་བྱས།

བྲོས་བྱོལ་ལམ་དུ་རང་སྲོག་ཤོར།

ལོ་15ལོན་ཡོད་པའི་སྟོབས་རྒྱལ་གྱིས་སྤྱི་ཚོགས་ཐོག་གི་མི་ཞིག་རང་ཉིད་ཀྱི་ཕུ་བོར་བརྟེན། ཁོའི་དེ་ལྟར་བྱས་ན་སློབ་གྲྭའི་ནང་དུ་རང་ཉིད་ལ་ངོ་སོ་ཆེན་པོ་ལྡན་པར་འདོད། ཉིན་ཞིག་ལ། ཕུ་བོ་དེས་སྟོབས་རྒྱལ་སོགས་མི་སྣ་མང་པོ་བསྡུས་ནས་མི་གཞན་ལ་བཀའ་སློབ་གཏོང་བར་ཁ་གཡར་ཏེ་མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་བྱེད་དུ་སོང་། རྒྱག་རེས་བྱེད་སའི་ཡུལ་དངོས་ལ་ཐོན་རྗེས། སྟོབས་རྒྱལ་སོགས་ཀྱིས་ལག་ལ་དབྱུག་པ་བཟུང་སྟེ་རླངས་འཁོར་ནང་དུ་སྒུག་ནས་བསྡད། མ་བསམ་ས་ནས་ཕ་རོལ་བོའི་གཟིགས་ཉམས་དེ་ལས་ཀྱང་དྲག་པོ་ཡིན་པས། སྟོབས་རྒྱལ་སོགས་ཀྱིས་རླངས་འཁོར་བསྐོར་ནས་ཕ་རོལ་བོར་གདོང་ཐུག་བརྒྱབ་ནས་བྲོས་བྱོལ་བྱས། སྟབས་མ་ལེགས་པར་སྟོབས་རྒྱལ་སོགས་བསྡད་ཡོད་པའི་རླངས་འཁོར་ལ་ཚོད་འཛིན་བྱེད་མ་ཐུབ་པར་ཆག་སྒོ་བྱུང་། རླངས་འཁོར་ནང་གི་མི་གསུམ་ཤི་སོང་བ་དང་མི་གཉིས་ལ་རྨས་སྐྱོནལྗིད་མོ་ཕོག

སྟོབས་རྒྱལ་གྱིས་མཛེས་སྡུག་ལྡན་པའི་མི་ཚེ་མཚར་ལོངས་བྱུང་མ་ཐུབ་པར་ཕོ་ལོ་15སྟེང་ཡིད་སྐྱོ་བའི་ངང་ཚེ་སྲོག་ལ་བསྡོམས་ཚིག་འགོད་དགོས་བྱུང་། ཡུལ་མི་ཚོར་རྫོགས་མཐའ་མེད་པའི་སེམས་སྡུག་དང་སྐྱོ་གདུང་བཞག་ཡོད།

法律小知识:聚众斗殴罪 《刑法》第二百九十二条:聚众斗殴的,对首要分子和其他积极参加的,处三年以下有期徒刑、拘役或者管制; 有下列情形之一的,对首要分子和其他积极参加的,处三年以上十年以下有期徒刑:(一) 多次聚众斗殴的 ;(二)聚众斗殴人数多,规模大,社会影响恶劣的;( 三)在公共场所或者交通要道聚众斗殴,造成社会秩序严重混乱的;( 四 )持械聚众斗殴的。

ཁྲིམས་ལུགས་ཀྱི་ཤེས་བྱ་ཆུང་ཆུང་། མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་བྱེད་པའི་ནག་ཉེས།

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་གོ་གཉིས་པར། མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་རྒྱག་མཁན་གྱི་ཉེས་ཅན་གཏེ་པོ་དང་དེའི་ནང་ཧུར་ཐག་ངང་ཞུགས་མཁན་ལ་དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ་དང་། གཤམ་གསལ་གནས་ཚུལ་གྱི་རིགས་ལས་དེར་ཧུར་ཐག་ཞུགས་མཁན་ལ་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ།(གཅིག)མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་ཐེངས་མང་བརྒྱབ་པའི་རིགས་། (གཉིས།)མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་རྒྱག་མཁན་མི་གྲངས་མང་བ་དང་། གཞི་ཁྱོན་ཆེ་བ། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་པ། (གསུམ།)མི་མང་འདུ་འཛོམ་བྱ་ཡུལ་ལམ་འགྲིམ་འགྲུལ་གྱི་འགག་མདོར་མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་བརྒྱབ་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་ཆེན་པོ་བཟོས་པའི་རིགས། (བཞི།)མཚོན་ཆ་ཐོགས་ནས་མི་མང་དཔུང་བསྡེབས་ཀྱིས་རྒྱག་རེས་བརྒྱབ་པ་བཅས་ཀྱི་རིགས་ཡིན།