设为首页 | 加入收藏
您所在位置: 首页 > 双语专区 > 正文
双语专区

未成年人普法系列(四)

时间:22-01-05 10:35:44 来源:  作者:翻译科 点击数:

案例五

爱慕虚荣花销大盗窃同学悔不该高中生小李因爱慕虚荣,花销无度,多次在校园内秘密窃取同学们的现金和手机等财物,共计人民币3500余元,后被查获。案发后,小李的家长退赔了被害人经济损失,小李也深深为自己的行为感到悔恨。法院经审理,认定小李秘密窃取他人财物,数额较大,但考虑其系未成年在校学生,为了挽救他的人生,最终判处其犯盗窃罪,免予刑事处罚。

གྱོད་དཔེ་ལྔ་བ།

རང་ངོམ་རང་སྟོན་བྱས་ན་འགྲོ་སོང་ཆེ།

སློབ་གྲོགས་ལ་བརྐུས་བྱས་པས་འགྱོད་པ་གྱེས།

མཐོ་རིམ་སློབ་འབྲིང་གི་སློབ་མ་ལིས་ཆེ་གེ་མོར་རང་ངོམ་རང་སྟོན་བྱེད་རྒྱུར་དགའ་བས། དུས་རྒྱུན་གྱི་འགྲོ་སོང་ཧ་ཅང་ཆེ། སློབ་གྲྭའི་ནང་སློབ་གྲོགས་ཚོའི་སྒོར་མོ་དང་ལག་ཁྱེར་ཁ་པར་སོགས་ཐེངས་མང་པོར་བརྐུས་ནས་ཁྱོན་བསྡོམས་དམངས་སྒོར་3500ལྷག་ཙམ་ཟིན་ཡོད། གྱོད་གཞི་རྩད་ཆོད་བྱུང་རྗེས། ལིས་ཆེ་གེ་མོའི་ཁྱིམ་བདག་གིས་གནོད་འཚེ་ཐེབས་མཁན་གྱི་དཔལ་འབྱོར་གྱོང་གུན་ཚང་མར་སྐྱིན་ཚབ་སྤྲད། ལིས་ཆེ་གེ་མོའང་རང་གི་བྱ་སྤྱོད་ལ་འགྱོད་པ་སྐྱེས་ཡོད།ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས། ལིས་ཆེ་གེ་མོས་མི་གཞན་གྱི་རྒྱུ་ནོར་རྐུ་ཁྱེར་བྱས་པས་གྲངས་འབོར་ཅུང་མང་མོད། ཡིན་ཡང་ལིས་ཆེ་གེ་མོ་ནི་ནར་མ་སོན་པའི་སློབ་མ་ཞིག་ཡིན་པ་དང་། ཁོ་བོའི་མི་ཚེ་སྐྱོབ་རྒྱུ་ཆེད། མཐའ་མཇུག་ལིས་ཆེ་གེ་མོར་རྐུ་ཁྱེར་གྱི་ནག་ཉེས་བསགས་ཡོད་པར་ཐག་གིས་བཅད་དེ་ཉེས་དོན་གྱི་ཁྲིམས་ཆད་མ་བཅད་པ་རེད།

案例六

你们盗窃我望风最佳损友害了我

小孙是一个在校学生,没有钱用,受社会上人的引诱,与同伙晚上出来实施盗窃,他的同伙都翻墙进入学校盗窃电脑,小孙因为害怕而没有进去,就站在学校围墙外边望风。

最后东窗事发,小孙也因犯盗窃罪而失去了自由。

གྱོད་དཔེ་དྲུག་པ།

ཁྱོད་ཚོས་བརྐུས་དང་ངས་སོ་ལྟ་བྱེད།

རང་དང་གྲོགས་ལ་གནོད་པ་སྐྱེལ།

སིན་ཆེ་གེ་མོ་ནི་སློབ་གྲྭར་ཡོད་པའི་སློབ་མ་ཞིག་ཡིན། ཁོ་ལ་སྒོར་མོ་བཀོལ་རྒྱུ་མེད་པས། སྤྱི་ཚོགས་སྟེང་གི་མིའི་སླུ་བྲིད་འོག་ཚུད་ནས་ཁོ་ཚོ་དང་མཉམ་དུ་མཚན་མོར་རྐུ་བྱེད་དུ་སོང་། ཁོའི་རོགས་པ་ཚོ་གྱང་ལ་འགོས་ནས་སློབ་གྲྭའི་ནང་གི་གློག་ཀླད་བརྐུས། སིན་ཆེ་གེ་མོར་སྐྲག་ནས་སློབ་གྲྭའི་ནང་དུ་མ་འཛུལ་བར་སློབ་གྲྭའི་ཕྱི་ནས་སོ་ལྟ་བྱས།མཐའ་མཇུག་དོན་རྐྱེན་ལྷང་ལ་བུད་དེ་སིན་ཆེ་གེ་མོའིང་རྐུ་ཁྱེར་གྱི་ནག་ཉེས་བསགས་ཡོད་པས་རང་དབང་ཤོར་སོང་བ་རེད།

法律小知识:盗窃罪

《刑法》第二百六十四条:盗窃公私财物,数额较大的,或者多次盗窃、入户盗窃、携带凶器盗窃、扒窃的,处三年以下有期徒刑、拘役或者管制,并处或者单处罚金;数额巨大或者有其他严重情节的,处三年以上十年以下有期徒刑,并处罚金;数额特别巨大或者有其他特别严重情节的,处十年以上有期徒刑或者无期徒刑,并处罚金或者没收财产。

བཅའ་ཁྲིམས་ཀྱི་ཤེས་བྱ་ཆུང་ཆུང་། རྐུ་ཁྱེར་གྱི་ནག་ཉེས།

《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་རེ་བཞི་བར། གཞུང་སྒེར་གྱི་རྒྱུ་ནོར་གྲངས་འབོར་ཅུང་ཆེ་བའམ་ཡང་ན་ཐེངས་མང་རྐུ་ཁྱེར་དང་། ཁྱིམ་ཚང་དུ་འཛུལ་ནས་རྐུ་བྱས་པ། མཚོན་ཆ་བཟུང་ནས་རྐུ་བྱེད་པ། རྐུ་འཕྲོག་བྱེད་པ་སོགས་ཀྱི་རིགས་ལ་ལོ་གསུམ་མན་གྱི་དུས་བཙོན་ནམ་ཡང་ན་བཙན་ཉར་ལས་བསྐུལ་ལམ་ཡང་ན་རྩིས་སྤྲོད་དོ་དམ་གྱི་ཉེས་ཆད་གཅོད་རྒྱུ། དེ་མིན་དངུལ་ཆད་ཀྱང་གཅོད་རྒྱུ། གྲངས་འབོར་ཆེ་བའམ་གནས་ཚུལ་ཚབས་ཆེན་གྱི་རིགས་གཞན་དག་ཡོད་པར་དུས་བཙོན་ལོ་གསུམ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་ཆབས་ཅིག་དངུལ་ཆད་ཀྱང་གཅོད་རྒྱུ། གྲངས་འབོར་ཤིན་ཏུ་ཆེ་བའམ་གནས་ཚུལ་ཚབས་ཆེན་གྱི་རིགས་གཞན་དག་ཡོད་པར་དུས་བཙོན་ལོ་བཅུ་ཡན་ནམ་ཚེ་བཙོན་གྱི་ཉེས་ཆད་གཅོད་རྒྱུ་དང་ཆབས་ཅིག་དངུལ་ཆད་གཅོད་པའམ་རྒྱུ་ནོར་གཞུང་བཞེས་གཏོང་རྒྱུ།