2002年12月,在外务工的周某某被犯罪嫌疑人索某故意伤害致死,索某案发后逃逸,于2024年3月被新疆维吾尔自治区新源县公安局抓捕归案。经查明,索某无赔偿能力。2024年9月,卓尼县检察院根据新源县检察院联合救助建议,对被害人周某某母亲金某某情况进行调查。检察官在实地走访中了解到,被害人母亲金某某在甘肃省卓尼县居住,年轻时丧夫,膝下一子二女,两个女儿远嫁。近年来,年迈的金某某体弱多病,丧失劳动能力,主要依靠政府低保维持生活。案发后,生活陷入困难,儿媳和幼孙离家独立生活。新源县检察院已发放的1万元司法救助金不能完全解决被害人亲属金某某实际困难。结合金某某请求,卓尼县检察院决定再次对金某某开展司法救助,发放救助金1万元。
【ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་འཛིན་རོགས་སྐྱོབ་བྱས་པའི་གྱོད་དཔེ།】
གནོད་འཚེ་ཕོག་མཁན་གྱི་གཉེན་ཉེ་ལ་ཞིང་ཆེན་བརྒལ་ནས་མཉམ་འབྲེལ་
ཁྲིམས་འཛིན་རོགས་སྐྱོབ་སྤེལ་པའི་གྱོད་གཞི།
2002ལོའི་ཟླ་12པར། ཕྱི་རོལ་ན་ཞོར་ལས་བྱེད་བཞིན་པའི་ཀྲོའུ་ག་གེ་མོར་དོགས་ཡོད་ཉེས་ཅན་བསོད་ཆེ་གེ་མོས་བསམ་བཞིན་དུ་གནོད་འཚེ་བཏང་ནས་ཤི་རུ་བཅུག བསོད་ཆེ་གེ་མོར་གྱོད་གཞི་བྱུང་རྗེས་བྲོས་བྱོལ་བྱས་སོང་། 2024ལོའི་ཟླ་3པར་ཞིན་ཅང་ཡུ་གུར་རིགས་རང་སྐྱོང་ལྗོངས་ཞིན་ཡོན་རྫོང་སྤྱི་བདེ་ཅུས་ཀྱིས་འཛིན་བཟུང་བྱས། ཞིབ་བཤེར་བྱས་པ་བརྒྱུད། བསོད་ཆེ་གེ་མོ་ལ་སྐྱིན་ཚབ་སྤྲོད་ནུས་མེད་པས། 2024ལོའི་ཟླ་9པར། ཅོ་ནེ་རྫོང་ཞིབ་དཔྱོད་ཁང་གིས་ཤིན་ཡོན་རྫོང་ཞིབ་དཔྱོད་ཁང་གི་མཉམ་འབྲེལ་རོགས་སྐྱོབ་གྲོས་འགོ་གཞིར་བཟུང་ནས། གནོད་འཚེ་ཕོག་མཁན་ཀྲོའུ་ག་གེ་མོའི་ཨ་མ་ཅིན་ཆེ་གེ་མོའི་གནས་ཚུལ་ལ་བརྟག་དཔྱད་བྱས། ཞིབ་དཔྱོད་དཔོན་ས་གནས་དེར་སོང་ནས་རྩད་གཅོད་བྱེད་དུས་ཤེས་རྟོགས་བྱུང་བ་ནི། གནོད་འཚེ་ཕོག་མཁན་གྱི་ཨ་མ་ཅིན་ཆེ་གེ་མོ་ཀན་སུའུ་ཞིང་ཆེན་ཅོ་ནེ་རྫོང་དུ་འཚོ་སྡོད་བྱས་ཡོད། ལོ་ན་གཞོན་དུས་མོའི་ཁྱོ་ག་ཚེ་ལས་འདས་བ་དང་མོར་བུ་གཅིག་དང་བུ་མོ་གཉིས་ཡོད་དེ། བུ་མོ་གཉིས་ཀ་ས་ཐག་རིང་ཞིག་དུ་གནས་ལ་སོང་ཡོད། ཉེ་བའི་ལོ་འདིའི་རིང་ལ། ལོ་ན་བགྲེས་པའི་ཅིན་ཆེ་གེ་མོར་ནད་ཀྱི་བཟུང་ནས་ངལ་རྩོལ་གྱི་ནུས་པ་ཤོར་བས། མོའི་སྲིད་གཞུང་གི་མ་མཐའི་འགན་ལེན་ལ་བརྟེན་ནས་འཚོ་བ་སྐྱེལ་བཞིན་ཡོད། གྱོད་གཞི་བྱུང་རྗེས། འཚོ་བ་དཀའ་ཁག་ལ་འཕྲད་དེ། མནའ་མ་དང་ཚ་བོ་གཉིས་ཀ་མ་ཁྱིམ་དང་བྲལ་ནས་འཚོ་བ་ཁ་ཁ་རོལ་གྱིན་འདུག ཤིན་ཡོན་རྫོང་ཞིབ་དཔྱོད་ཁང་གིས་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་སྒོར་ཁྲི་1སྤྲད་ཡོད་པ་དེས་གནོད་འཚེ་ཕོག་མཁན་གྱི་གཉེན་ཉེ་ཅིན་ཆེ་གེ་མོའི་དཀའ་ཁག་དངོས་སུ་སེལ་ཐབས་མེད་པས། ཅིན་ཆེ་གེ་མོའི་རེ་འདུན་དང་ཟུང་དུ་འབྲེལ་ནས། ཅོ་ནེ་རྫོང་ཞིབ་དཔྱོད་ཁང་གིས་ཡང་བསྐྱར་ཅིན་ཆེ་གེ་མོར་ཁྲིམས་འཛིན་རོགས་སྐྱོབ་བྱེད་རྒྱུར་ཐག་གཅོད་བྱས་ཏེ། རོགས་སྐྱོབ་མ་དངུལ་སྒོར་ཁྲི་1སྤྲད་པ་རེད།