设为首页 | 加入收藏
您所在位置: 首页 > 双语专区 > 正文
双语专区

【检察机关守护人民群众“舌尖上的安全”案例】督促整治乡村医疗机构过期药品公益诉讼案

时间:25-03-17 11:37:58 来源:  作者: 点击数:

2024年3月,临潭县检察院在履职中发现农牧村医疗机构存在管理不规范、出售过期药品问题,甘南州检察院针对此情况及时组织开展调研,发现在全州偏远农牧村的卫生医疗机构普遍存在使用过期药品、药房管理混乱等药品安全问题,决定在全州开展农牧村医疗机构专项监督。监督中,共摸排卫生院、卫生院分院、社区卫生服务中心、农牧村卫生室130个,发现问题并立案12件,制发检察建议8份,督促下架、销毁过期药品1000余盒(瓶),价值1.3万余元。临潭县检察院就辖区内乡镇卫生院、农牧村卫生室普遍存在药品过期、药房管理混乱等问题,向卫生健康部门制发检察建议,督促相关行政单位履行职能,提出及时下架销毁过期药品,对有记录的购买者进行药品召回和跟踪观察,建立健全卫生院、农牧村卫生室药品购销及过期药品处理相关机制等意见建议。检察建议发出后,相关部门立即组织开展专项检查,对存在的问题进行整改,有效提升了农牧村医疗卫生规范管理水平。该案被评为2024年甘肃省检察机关“3·15”食品药品安全公益诉讼典型案例。

【ཞིབ་དཔྱོད་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”སྲུང་སྐྱོང་བྱས་པའི་གྱོད་དཔེ།】

གྲོང་གསེབ་ཀྱི་སྨན་བཅོས་སྒྲིག་གཞིའི་དུས་ཡོལ་སྨན་རྫས་ལ་ལྟ་སྐུལ་དང་བཅོས་སྒྲིག་

བྱས་པའི་སྤྱི་ཕན་གཏུག་བཤེར་གྱི་གྱོད་གཞི།

2024ལོའི་ཟླ་3པར། ལིན་ཐན་རྫོང་ཞིབ་དཔྱོད་ཁང་གིས་ལས་འགན་སྒྲུབ་སྐབས། ཞིང་འབྲོག་གྲོང་ཚོའི་སྨན་བཅོས་ལས་ཁུངས་སུ་དོ་དམ་ཚད་ལྡན་མིན་པ་དང་དུས་ཡོལ་སྨན་རྫས་ཕྱིར་འཚོང་བྱེད་པའི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་བས། ཀན་ལྷོ་ཁུལ་ཞིབ་དཔྱོད་ཁང་གིས་གནས་ཚུལ་དེར་དམིགས་ནས་དུས་ཐོག་ཏུ་བརྟག་ཞིབ་ཞིབ་འཇུག་བྱས། ཁུལ་ཡོངས་ཀྱི་ཐག་རིང་ལུང་ཁུག་གི་ཞིང་འབྲོག་གྲོང་ཚོའི་འཕྲོད་བསྟེན་སྨན་བཅོས་ལས་ཁུངས་ཀྱིས་དུས་ཡོལ་སྨན་རྫས་བཀོལ་སྤྱོད་དང་སྨན་རྫས་ཁང་གི་དོ་དམ་རྙོག་འཛིང་ཡིན་པ་སོགས་ཀྱི་སྨན་རྫས་བདེ་འཇགས་ཀྱི་གནད་དོན་ཡོད་པ་ཤེས་རྟོགས་བྱུང་ནས། ཁུལ་ཡོངས་ཀྱི་ཞིང་འབྲོག་གྲོང་ཚོའི་སྨན་བཅོས་ལས་ཁུངས་སུ་ཆེད་དོན་ལྟ་སྐུལ་སྤེལ་རྒྱུར་ཐག་གཅོད་བྱས། ལྟ་སྐུལ་ཁྲོད། འཕྲོད་བསྟེན་ཁང་དང་། འཕྲོད་བསྟེན་ཡན་ལག་ཁང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས། ཞིང་འབྲོག་གྲོང་ཚོའི་འཕྲོད་བསྟེན་ཁང་བཅས་ལས་ཁུངས་130ལ་རྒྱུས་ལོན་བྱས་ཏེ། གནད་དོན་ཤེས་རྟོགས་བྱུང་བ་མ་ཟད་གྱོད་གཞི་12ཐོ་འགོད་བྱས། ཞིབ་དཔྱོད་གྲོས་འགོ་ཐེངས་8བཏོན་པ། དེ་མིན། དུས་ཡོལ་སྨན་རྫས་(དམ་བུ་)1000 ལྷག་ཙམ་མེད་པར་བཟོས་པ་དང་། བསྡོམས་པས་རིན་གོང་སྒོར་ཁྲི་1.3ལྷག་ཙམ་ཟིན་ཡོད། ལིན་ཐན་རྫོང་ཞིབ་དཔྱོད་ཁང་གིས་མངའ་ཁུལ་གྱི་ཞང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་ཞིང་འབྲོག་གྲོང་ཚོའི་འཕྲོད་བསྟེན་ཁང་ཡོངས་སུ་སྨན་རྫས་དུས་ལས་ཡོལ་བ་དང་། སྨན་ཁང་གི་དོ་དམ་རྙོག་འཛིང་ཡིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས་འཕྲོད་བསྟེན་བདེ་ཐང་སྡེ་ཁག་ལ་ཞིབ་དཔྱོད་གྲོས་འགོ་བཏོན་ཏེ་འབྲེལ་ཡོད་སྲིད་འཛིན་སྡེ་ཚན་གྱིས་འགན་ནུས་ལག་བསྟར་བྱེད་པར་སྐུལ་འདེད་བཏང་། དུས་ཐོག་ཏུ་དུས་ཡོལ་སྨན་རྫས་མེད་པར་བཟོ་དགོས་པའི་བསམ་ཚུལ་བཏོན། ཐོ་བཀོད་བྱས་ཡོད་པའི་ཉོ་མཁན་གྱི་སྨན་རྫས་ཕྱིར་བསྡུ་དང་རྗེས་འདེད་ལྟ་ཞིབ་བྱས་ནས་འཕྲོད་བསྟེན་ཁང་དང་། ཞིང་འབྲོག་གྲོང་ཚོའི་འཕྲོད་བསྟེན་ཁང་གི་སྨན་རྫས་ཉོ་འཚོང་དང་དུས་ཡོལ་སྨན་རྫས་ལ་ཐག་གཅོད་བྱེད་པའི་འབྲེལ་ཡོད་ལམ་སྲོལ་བཙུགས་པ་དང་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བསམ་འཆར་དང་གྲོས་འགོ་བཏོན། ཞིབ་དཔྱོད་གྲོས་འགོ་བཏོན་རྗེས། འབྲེལ་ཡོད་སྡེ་ཁག་གིས་མྱུར་དུ་ཆེད་དོན་ཞིབ་བཤེར་སྤེལ་ནས་གནད་དོན་དག་ཐེར་བྱས་ཏེ་ཞིང་འབྲོག་གྲོང་ཚོའི་སྨན་བཅོས་འཕྲོད་བསྟེན་གྱི་དོ་དམ་ཆུ་ཚད་ཚད་ལྡན་མཐོར་འདེགས་རུ་བཏང་། གྱོད་གཞི་འདི་2024ལོའི་ཀན་སུའུ་ཞིང་ཆེན་ཞིབ་དཔྱོད་ལས་ཁུངས་ཀྱི་“3·15”བཟའ་བཅའ་དང་སྨན་རྫས་བདེ་འཇགས་ཀྱི་སྤྱི་ཕན་གཏུག་བཤེར་གྱི་དཔེ་མཚོན་གྱོད་གཞིར་བདམས།