设为首页 | 加入收藏
您所在位置: 首页 > 双语专区 > 正文
双语专区

疫情防控法律知识 (一)

时间:22-01-05 10:19:07 来源:  作者:翻译科 点击数:

增强防控意识 རིམས་འགོག་འདུ་ཤེས་མཐོ་རུ་བཏང་ནས།

提高防护能力 འགོག་སྲུང་ནུས་པ་ཆེར་བསྐྱེད་བྱེད་དགོས།

疫情防控期间、不服从 、不配合或者拒绝执行有关政府决定、命令或者措施等行为,有哪些法律责任?

རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་སྐབས། དང་ལེན་མི་བྱེད་པ་དང་། གཞོགས་འདེགས་མི་བྱེད་པའམ་ཡང་ན་འབྲེལ་ཡོད་སྲིད་གཞུང་གི་ཐག་གཅོད་དང་། བཀའ་རྒྱའམ་ཡང་ན་བྱེད་ཐབས་སོགས་ཀྱི་བྱ་སྤྱོད་ལ། བཅའ་ཁྲིམས་ཀྱི་འགན་འཁྲི་གང་དག་ཡོད།

《突发事件应对法》(第六十六条规定)

《突发事件应对法》第六十六条规定:“单位或者个人违反本法规定,不服从所在地人民政府及其有关部门发布的决定、命令或者不配合其依法采取的措施,构成违反治安管理行为的,由公安机关依法给予处罚。”

<<གློ་བུད་དོན་རྐྱེན་སྐོར་གྱི་ཁ་གཏད་བཅའ་ཁྲིམས>>

༼དོན་ཚན་རེ་དྲུག་པའི་གཏན་འབེབས། ༽

<<གློར་བྱུང་དོན་རྐྱེན་སྐོར་གྱི་ཁ་གཏད་བཅའ་ཁྲིམས་>>ཀྱི་དོན་ཚན་རེ་དྲུག་པའི་གཏན་འབེབས་ལྟར། ལས་ཁུངས་དང་མི་སྒེར་གྱིས་བཅའ་ཁྲིམས་འདི་དང་འགལ་ནས། ས་གནས་དེ་གའི་མི་དམངས་སྲིད་གཞུང་ངམ་ཡང་ན་དེའི་འབྲེལ་ཡོད་སྡེ་ཁག་གིས་བསྒྲགས་པའི་ཆོད་དོན་དང་། བཀའ་རྒྱ་བརྩི་སྲུང་མི་བྱེད་པའམ་ཡང་ན་ཁྲིམས་ལྟར་བྱེད་ཐབས་སྤྱོད་པར་གཞོགས་འདེགས་མི་བྱེད་པར། བདེ་འཇགས་དོ་དམ་གྱི་བྱ་སྤྱོད་དང་འགལ་ཡོད་ན།སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་གཅོད་བྱེད་རྒྱུ་ཡིན།

《治安管理处罚法》第五十条规定

《治安管理处罚法》第五十条规定:“有下列行为之一的,处警告或者二百元以下罚款;情节严重的,处五日以上十日以下拘留,可以并处五百元以下罚款:(一)拒不执行人民政府在紧急状态情况下依法发布的决定、命令的;(二)阻碍国家机关工作人员依法执行职务的;……”

<<བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས>>

༼དོན་ཚན་ལྔ་བཅུ་པའི་གཏན་འབེབས། ༽

<<བདེ་འཇགས་དོ་དམ་ཆད་གཅོད་སྐོར་གྱི་བཅའ་ཁྲིམས་>>དོན་ཚན་ལྔ་བཅུའི་གཏན་འབེབས་ལྟར། གཤམ་གསལ་བྱ་སྤྱོད་ཀྱི་ནང་གསེས་གཅིག་ཡོད་ཚེ།ཐ་ཚིག་སྒྲོག་པའམ་ཡང་ན་སྒོར་ཉིས་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ་དང་།ཉེས་ཚབས་ཆེ་རིགས་ལ་སྒོར་ལྔ་བརྒྱ་མན་གྱི་དངུལ་ཆད་གཅོད་རྒྱུ།(གཅིག) མི་དམངས་སྲིད་གཞུང་གིས་གནས་བབ་ཛ་དྲག་ཆེ་བའི་གནས་ཚུལ་འོག་ཁྲིམས་ལྟར་བསྒྲགས་པའི་ཆོད་དོན་དང་བཀའ་རྒྱ་ལག་བསྟར་མི་བྱེད་པའི་རིགས། (གཉིས།) རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་ལས་འགན་སྒྲུབ་པར་བཀག་འགོག་བྱེད་པ། ……”

《刑法》第二百七十七条第一款

《刑法》第二百七十七条第一款规定:“以暴力、威胁方法阻碍国家机关工作人员依法执行职务的,处三年以下有期徒刑、拘役、管制或者罚金。” 第三款规定:“在自然灾害和突发事件中,以暴力、威胁方法阻碍红十字会工作人员依法履行职责的,依照第一款的规定处罚。”

<<ཉེས་ཁྲིམས>>

༼ དོན་ཚན་ཉིས་བརྒྱ་དོན་བདུན་པའི་ཚན་པ་དང་པོ། ༽

<<ཉེས་ཁྲིམས་>>ཀྱི་དོན་ཚན་ཉིས་བརྒྱ་དོན་བདུན་པའི་ཚན་པ་དང་པོའི་གཏན་འབེབས་ལྟར། རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་ཁྲིམས་ལྟར་འགན་འཁྲིའི་ལས་སྒོ་སྒྲུབ་པར་དྲག་ཤུགས་དང་འཇིགས་སྐུལ། བཀག་འགོག་བྱེད་མཁན་ལ་དུས་བཙོན་ལོ་གསུམ་མན་དང་། བཙན་ཉར་ལས་བསྐུལ། རྩིས་སྤྲོད་དོ་དམ་དང་ཡང་ན་དངུལ་ཆད་གཅོད་རྒྱུ།དོན་ཚན་གསུམ་པའི་གཏན་འབེབས་ལྟར། རང་བྱུང་གནོད་འཚེའམ་གློར་བྱུང་དོན་རྐྱེན་ཁྲོད། དྲག་ཤུགས་དང་འཇིགས་སྐུལ་གྱི་བྱེད་ཐབས་སྤྱད་ནས་རྒྱ་གྲམ་དམར་པོའི་ལས་བྱེད་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་བཀག་འགོག་བྱས་རིགས་ལ།གོང་གསལ་དོན་ཚན་དང་པོའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

《刑法》第三百三十条 第一款

《刑法》第三百三十条第一款规定:“违反传染病防治法的规定,有下列情形之一,引起甲类传染病传播或者有传播严重危险的,处三年以下有期徒刑或者拘役;后果特别严重的,处三年以上七年以下有期徒刑:(一)供水单位供应的饮用水不符合国家规定的卫生标准的;(二)拒绝按照卫生防疫机构提出的卫生要求,对传染病病原体污染的污水、污物、粪便进行消毒处理的;(三)准许或者纵容传染病病人、病原携带者和疑似传染病病人从事国务院卫生行政部门规定禁止从事的易使该传染病扩散的工作的;(四)拒绝执行卫生防疫机构依照传染病防治法提出的预防、控制措施的。

<<ཉེས་ཁྲིམས>>

༼ དོན་ཚན་སུམ་བརྒྱ་སུམ་བཅུའི་ཚན་པ་དང་པོ། ༽

<<ཉེས་ཁྲིམས་>>ཀྱི་དོན་ཚན་སུམ་བརྒྱ་སུམ་བཅུའི་ཚན་པ་དང་པོའི་གཏན་འབེབས་ལྟར། འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་འགལ་ནས། གཤམ་གསལ་བྱ་སྤྱོད་ཀྱི་ནང་གསེས་གཅིག་ཡོད་ཚེ། ཀ་རིགས་ཀྱི་འགོས་ནད་ཁྱབ་སྤེལ་བྱེད་པའམ་ཁྱབ་སྤེལ་གྱི་ཉེན་ཁ་ཚབས་ཆེན་ཡོད་རིགས་ལ།དུས་བཙོན་ལོ་གསུམ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ་དང་།མཇུག་འབྲས་ཧ་ཅང་ཚབས་ཆེན་བཟོས་རིགས་ལ།དུས་བཙོན་ལོ་གསུམ་ཡན་ནས་ལོ་བདུན་མན་གྱི་ཉེས་ཆད་གཅོད་རྒྱུ།(གཅིག) ཆུ་མཁོ་འདོན་ལས་ཁུངས་ཀྱི་མཁོ་འདོན་བྱས་པའི་འཐུང་ཆུ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་འཕྲོད་བསྟེན་གྱི་ཚད་གཞི་དང་མི་མཐུན་པའི་རིགས། (གཉིས།) འཕྲོད་བསྟེན་རིམས་འགོག་ལས་ཁུངས་ཀྱིས་བཏོན་པའི་འཕྲོད་བསྟེན་གྱི་བླང་བྱ་ལྟར་དང་ལེན་མི་བྱེད་པ་དང་། འགོས་ནད་ཀྱི་ནད་སློང་དུག་གཞིས་སྦགས་པའི་བཙོག་ཆུ་དང་། བཙོག་དངོས། གཅིན་སྐྱག་བཅས་ལ་དུག་སེལ་བྱས་རིགས། (གསུམ།) རིམས་ནད་ཕོག་མཁན་དང་། རིམས་ནད་ཡོད་མཁན། རིམས་ནད་ཡིན་པར་དོགས་གཞི་ཡོད་པའི་ནད་པ་བཅས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་སྡེ་ཁག་གིས་གཏན་འབེབས་བྱས་པའི་རིམས་ནད་མཆེད་པར་བཀག་འགོག་བྱེད་དུ་བཅུག་པ་རྒྱ་ཡན་དུ་བཏང་པའི་རིགས། (བཞི།) རིམས་འགོག་འཕྲོད་བསྟེན་ལས་ཁུངས་ཀྱིས་འགོས་ནད་འགོག་བཅོས་བྱེད་ཕྱོགས་སྐོར་གྱི་བཅའ་ཁྲིམས་ལྟར་བཏོན་པའི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལག་བསྟར་མི་བྱེད་པའི་རིགས།