设为首页 | 加入收藏
您所在位置: 首页 > 双语专区 > 正文
双语专区

我们有共同的目标——依法治国

时间:22-05-10 10:05:47 来源:翻译科  作者:翻译科 点击数:

行政检察即依法监督法院生效的行政判决、裁定、调解书,监督法院行政执行活动,监督行政审判程序中审判人员的违法行为。行政检察的核心是行政诉讼监督,贯穿行政诉讼活动全过程,既有结果监督,又有程序监督;一方面监督人民法院公正司法,另一方面促进行政机关依法行政。是检察机关法律监督职能的重要组成部分,与刑事检察、民事检察以及公益诉讼检察共同构成当前检察机关的“四大检察”。

༼ སྲིད་འཛིན་ཞིབ་དཔྱོད་ནི་ཅི་ཡིན། ༽སྲིད་འཛིན་ཞིབ་དཔྱོད་ནི་ཁྲིམས་ཁང་གིས་ནུས་པ་ཐོན་པའི་སྲིད་འཛིན་དཔྱད་མཚམས་དང་། ཁྲུན་བཅད། འདུམ་ཁྲ་བཅས་ལ་ཁྲིམས་ལྟར་ལྟ་སྐུལ་བྱེད་པ་དང་།ཁྲིམས་ཁང་གི་སྲིན་འཛིན་ལག་བསྟར་བྱེད་སྒོར་ལྟ་སྐུལ་དང་། སྲིད་འཛིན་འདྲི་གཅོད་གོ་རིམ་ཁྲོད་འདྲི་གཅོད་མི་སྣའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ལྟ་སྐུལ་བྱེད་པ་དེ་ཡིན། སྲིད་འཛིན་ཞིབ་དཔྱོད་ཀྱི་སྲོག་ཤིང་ནི་སྲིད་འཛིན་གཏུག་བཤེར་ལ་ལྟ་སྐུལ་དང་། སྲིད་འཛིན་གཏུག་བཤེར་གྱི་བྱེད་སྒོ་ཡོངས་ལ་ཞུགས་པ། དེར་མཇུག་འབྲས་ཀྱི་ལྟ་སྐུལ་ཡོད་ལ་གོ་རིམ་གྱི་ལྟ་སྐུལ་ཡང་ཡོད། ཕྱོགས་གཅིག་ནས་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་དྲང་གཞག་ལ་ལྟ་སྐུལ་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་ལ་སྐུལ་འདེད་གཏོང་བ། དེ་ནི་ཞིབ་དཔྱོད་ལས་ཁུངས་ཀྱི་ཁྲིམས་ལུགས་ལྟ་སྐུལ་འགན་ནུས་ཀྱི་གྲུབ་ཆ་གཙོ་བོ་ཞིག་ཡིན། དེར་ཉེས་དོན་ཞིབ་དཔྱོད་དང་། དམངས་དོན་ཞིབ་དཔྱོད། སྤྱི་ཕན་གཏུག་བཤེར་གྱི་ཞིབ་དཔྱོད་སོགས་མཉམ་དུ་གྲུབ་པའི་མིག་སྔའི་ཞིབ་དཔྱོད་ལས་ཁུངས་ཀྱི་“ཞིབ་དཔྱོད་ཆེན་མོ་བཞི”ཡང་ཡིན།

今天我们为大家介绍行政诉讼监督的四个范围。དེ་རིང་ང་ཚོས་སྲིད་འཛིན་གཏུག་བཤེར་ལྟ་སྐུལ་ལ་ཁྱབ་ཁོངས་བཞིའི་སྒོ་ནས་ཚང་མར་ངོ་སྤྲོད་བྱེད།

范围一:对生效行政判决、裁定、调解书进行监督人民法院驳回当事人对行政诉讼生效判决、裁定、调解书再审申请或逾期未对再审申请作出裁定以及当事人认为再审判决、裁定确有错误的,当事人应当在人民法院作出驳回再审申请裁定之日或者再审判决、裁定发生法律效力之日起六个月内向检察机关申请监督。对人民法院逾期未对再审申请作出裁定的,应当在再审申请审查期限届满之日起六个月内向检察机关申请监督。

༼ གཅིག ༽ཁྱབ་ཁོངས་དང་པོ། ནུས་པ་ཐོན་པའི་སྲིད་འཛིན་དཔྱད་མཚམས་དང་། ཁྲུན་བཅད། འདུམ་ཁྲ་བཅས་ལ་ལྟ་སྐུལ་བྱེད་པ།

མི་དམངས་ཁྲིམས་ཁང་གིས་དོ་བདག་པས་སྲིད་འཛིན་གཏུག་བཤེར་ལ་ནུས་པ་ཐོན་པའི་དཔྱད་མཚམས་དང་། ཁྲུན་བཅད། འདུམ་ཁྲར་བསྐྱར་ཞིབ་ཞུ་ཡིག་ཕྱིར་བསློགས་བྱེད་པའམ་ཡང་ན་དུས་ལས་འགྱངས་ཡང་བསྐྱར་ཞིབ་ཞུ་ཡིག་ལ་ཁྲུན་བཅད་མ་བཅད་པའམ་ཡང་ན་དོ་བདག་པའི་བསམ་པར་བསྐྱར་ཞིབ་དཔྱད་མཚམས་དང་།ཁྲུན་བཅད་ལ་དངོས་གནས་ནོར་འཁྲུལ་ཡོད་རིགས། དོ་བདག་པས་ངེས་པར་དུ་མི་དམངས་ཁྲིམས་ཁང་གིས་བསྐྱར་ཞིབ་ཞུ་ཡིག་གི་ཁྲུན་བཅད་ཕྱིར་བསློགས་པའི་ཉིན་ནམ་ཡང་ན་བསྐྱར་ཞིབ་དཔྱད་མཚམས་དང་། ཁྲུན་བཅད་ལ་ཁྲིམས་ལུགས་ཀྱི་ནུས་པ་ཐོན་པའི་ཉིན་ནས་བཟུང་ཟླ་དྲུག་གི་ནང་ཞིབ་དཔྱོད་ལས་ཁུངས་སུ་ལྟ་སྐུལ་བྱ་རྒྱུའི་རེ་ཞུ་འདོན་དགོས།མི་དམངས་ཁྲིམས་ཁང་གིས་དུས་ལས་འགྱངས་ཡང་བསྐྱར་ཞིབ་ཞུ་ཡིག་ལ་ཁྲུན་བཅད་མ་བཅད་པ་དེར། ངེས་པར་དུ་བསྐྱར་ཞིབ་ཞུ་ཡིག་ཞིབ་བཤེར་བྱེད་པའི་དུས་བཅད་ལོན་པ་ནས་བཟུང་ཟླ་དྲུག་གི་ནང་ཞིབ་དཔྱོད་ལས་ཁུངས་སུ་ལྟ་སྐུལ་བྱེད་པའི་རེ་ཞུ་འདོན་དགོས།